ཕྱི་ཟླ་༧ཚེས་༩ ཉིན་ནིའུ་ཡོག་དང་ནིའུ་ཇར་སའི་བོད་རིགས་སྤྱི་མཐུན་ཚོགས་པས་སྔ་དྲོ་ཆུ་ཚོད་༡༠ཐོག་ནས་ ༧གོང་ས་སྐྱབས་མགོན་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ཟབ་རྒྱས་གནང་མཚམས་ཕྱི་དྲོ་ཆུ་ཚོད་༤ ཙམ་ནས་ས་གནས་ནིའུ་ཡོག་དང་ནིའུ་ཇར་སའི་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་གསར་འདེམ་ཀྱི་དུས་ཚེས་ཡིན་སྟབས་རྒྱུན་ལས་གསར་པ་འོས་འཕེན་གཤམ་གསལ་མི་གྲངས་བཅུ་གསུམ་ལ་འོས་ཐོབ་སོང་། ས་གནས་འོས་བསྡུ་ཚོགས་ཆུང་ནང་ཨ་རི་དོན་དོན་གཅོད་སྐུ་ཚབ་ངག་དབང་ཡོན་ཏན་མཆོག་དང་ས་གནས་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་སྐལ་ལྡན་ས་གནས་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་ངག་དབང་འཆི་མེད་ས་གནས་ཆུ་སྒང་གི་ཚོགས་གཙོ་བསྟན་པ་དར་རྒྱས་ས་གནས་དབུས་གཙང་གི་ཚོགས་གཙོ་བསོད་ནམས་ཚེ་རིང་བཅས་རེད་འདུག ཁོང་རྣམས་ནས་འོས་གྲངས་ཞིབ་ཤེར་ལེགས་གྲུབ་གནང་ཏེ་དགུང་མོ་ཕྱག་ཚོད་༡༠/༣༥ ཙམ་ལ་སྤྱི་མཐུན་ཚོཊ་པའི་དཔལ་འབྱོར་བསྡུ་སྒྲུབ་ཀྱི་མཚན་ཚོགས་མི་མང་བསྡུས་འཛོམས་ཕལ་ཆེར་མི་གྲངས་ལྔ་བརྒྱ་ཙམ་དཀྱིལ་ལ་གསལ་བསྒྲགས་གནང་སོང་། མཚན་དང་འོས་གྲངས་ཇི་ཐོབ་གཤམ་གསལ་བཀོད་ཡོད། གང་མྱུར་དོ་བདག་ཁག་གི་ལས་འགན་འཆར་བགོས་ཚར་མཚམས་འགོད་ཐུས་ཆོག་པ་ཞུ།
![]() |
ཚོགས་ཆུང་མདུན་བཞུགས་གཡས་གྲལ་མདོ་ཁམས་ཆུ་བཞིའི་སྒང་དྲུག་གི་ཚོགས་གཙོ་བསྟན་པ་དར་རྒྱས་གཞོན་གཙོ་བསྟན་འཛིན་སྐལ་ལྡན་
དོན་གཅོད་སྐུ་ཚབ་ངག་དབང་ཡོན་ཏན་བེུད་ལྷན་གཙོ་ངག་དབང་འཆི་མེད་དབུས་གཙོ་བསོད་ནམས་ཚེ་རིང་།
|
༼༡ ༽ནོར་བུ་ཚེ་རིང་། ༤༧༥ ༼༢༽སྐུ་ཞབས་པདྨ་རྡོ་རྗེ། ༣༥༣ ༼༣༽བསོད་ནམས་རྒྱ་མཚོ། ༣༤༩ ༼༤༽ ཟླ་སྒྲོན། ༣༡༥ ༼༥༽ ཚེ་རིང་དོན་གྲུབ་(མ་བྱན)། ༢༧༩ ༼༦༽ངག་དབང་ཚུལ་འཁྲིམས་ ༢༧༦ ༼༧༽ བཀྲིས་རྒྱལ་མཚན། ༢༥༥ ༼༨༽ གཞུང་པ་བཀྲིས་ཚེ་རིང་། ༢༤༤ ༼༩༽ ཚེ་རིང་སྐལ་བཟང་། ༢༡༤ ༼༡༠༽ བསྟན་འཛིན་དགེ་ཚོགས། ༢༠༧ ༼༡༡༽ དོན་གྲུབ་ཚེ་བརྟན། ༢༠༥ ༼༡༢༽ ནེ་ལུང་ཚེ་རིང་དབང་འདུས། ༡༩༨ ༼༡༣༽ བྲག་ཡབ་བློབ་བཟང་ ༡༨༣ བཅས་མི་གྲངས་༡༣ འདི་གསལ་བསྒྲགས་གནང་སོང་། གུས་རང་ནས་གོ་སྐབས་འདི་ཟིན་ནས་ནིའུ་ཡོག་དང་ནིའུ་ཇར་སིའི་བོད་རིཊ་སྤྱི་མཐུན་ཚོགས་པའི་རྒྱུན་ལས་རྙིང་པ་རྣམས་ལ་འདས་པའི་རྒྱུན་རིང་ཕྱག་ལས་ལྷག་བསམ་རྣམ་དག་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་སྐབས་བཅོ་ལྔ་པའི་རྒྱུན་ལས་གསར་པ་ལ་འཚམས་འདྲི་བཀྲིས་བདེ་ལེགས་དང་ཁྱེད་རྣམས་ལ་བྱ་བ་ལམ་འགྲོ་ཡོང་བ་སྨོན་འདུན་ཞུ།།







No comments:
Post a Comment