![]() |
| སློབ་ཡོན། |
༄། སློབ་མ་མཐོ་སློབ་རྩེ་ཕུད་ཀྱི་སློབ་ཡོན་གསལ་བསྒྲགས།།
༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་དགུང་གྲངས་ ༨༡ ཏུ་ཕེབས་པའི་སྐུའི་འཁྲུངས་སྐར་དང་བསྟུན་བྱང་ཨ་རིའི་ས་གནས་ནིའུ་ཡོག་དང་ནིའུ་ཇར་སི་བོད་ཀྱི་བུད་མེད་ལྷན་ཚོགས་ནས་ཨ་སྒོར་༡༠༠༠/ ཐམ་པའི་སློབ་ཡོན་གྱི་གསལ་བསྒྲགས་དེ་སྔ་ཞུས་ཟིན་པ་ལྟར། གཤམ་གསལ་གྱི་ཆ་རྐྱེན་ཚང་བ་རྣམས་ནས་དུས་ཐོག་ཏུ་འབྲེལ་བ་གནང་རོགས་ཞུ།
སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན།།
༡༽སློབ་ཡོན་གྱི་དུས་ཡུན་ནང་མཐོ་སློབ་ཏུ་འགྲོ་ཐུབ་དགོས་པ་ལས་ཕྱིར་འགྱངས་བྱ་མི་ཆོག
༢༽ཕ་མ་གཉིས་ནས་དང་བླངས་དཔྱ་དངུལ་ཕུལ་ཟིན་པ།།
༣༽མཐོ་སློབ་ནས་རྒྱ་ཆ་GPA 3.5 ཡང་ན་དེའི་སྒང་ལ་ཐོབ་དགོས།།
༤༽ འབྲིང་རིམ་ཐོན་ཏེ་འདི་ལོ་མཐོ་སློབ་བམ། ཡང་ན་གཙུག་ལག་སློབ་གྲྭ་འགོ་འཛུགས་མཁན་ཡིན་དགོས།
༥༽ སློབ་ཡོན་འབུལ་ཡུལ་ནིའུ་ཡོག་དང་ནིའུ་ཇར་སིའི་ཁུལ་གྱི་སློབ་ཕྲུག་ལས་གཞན་མ་ཡིན་པ་བཅས་གལ་ཏེ་སྐུ་ཉིད་ལ་གོང་འཁོད་ཆ་རྐྱེན་དག་ཚང་བ་དང་སློབ་ཡོན་ཞུ་འདོད་ཡོད་ན་གཤམ་གྱི་གློག་འཕྲིན་ཁ་བྱང་Twaofnynj@gmail.com ཐོག་ལ་༧གོང་ས་མཆོག་གི་སློབ་ཡོན་ཞེས་བྲིས་ནས་འབྲེལ་གཏུགས་གནང་རོགས།།
(སྙན་ཞུའི་ནང་རང་ཉིད་སྤྱི་ཚོགས་ནང་བསྡད་ཡུན་རིང་གི་བསམ་བློ་ཀུན་སྤྱོད་དང་། བོད་མིའི་བདེན་དོན་གྱི་ལས་འགུལ་གཙོས་གཞན་དུ་ལས་འགུལ་ཁག་གང་དག་ལ་མཉམ་བཞུགས་བྱེད་མྱོང་བའི་གསལ་བཤད་ཀྱང་བྱེད་དགོས་པ་བཅས་སྙན་ཞུའི་མཐའ་མའི་དུས་བཀག་7/30/2016 བར་ཡིན་པས་དེ་དོན་དགོངས་འཇགས་ཞུ།
ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་
བོད་ཀྱི་བུད་མེད་ལྷན་ཚོགས་ནས་ཕུལ།
It is that time of the year again. If you are a High School Senior and are expecting to enter college in the fall semester as a Freshman, you are in luck!! (of course you have to meet the requirements)! SO HELP SPREAD THE WORD!
In Honor of His Holiness the Dalai Lama's 80th birthday in 2015, the RTWA of NYNJ initiated a yearly scholarship of $1,000 (merit based) awarded to newly attending college freshman who has demonstrated leadership not just in academics but also in community service.
This scholarship has been created by RTWA of NYNJ to advocate for higher education among young Tibetan high school graduates.
Candidates must fulfill these requirements to be eligible for this award:
1. Must be a graduating High School Senior going to start college/University in the fall semester of the year of award.
2. Parent's Green Book must be updated
3. Must have a High School GPA of 3.5 or above
4. Must be able to demonstrate proof of community service
5. Must be a resident of the New York/ New Jersey Area
IF interested please email: twaofnynj@gmail.com for additional information and scholarship packet. The DEADLINE to submit all required documents is July 30th of 2016.
RTWA NY&NJ

No comments:
Post a Comment