Sunday, 3 July 2016

                         རྣམ་གསལ་མེ་ལོང་གི་དྲྭ་ཚིག་ཐོག་ལ་ཕེབས་པར་བཀྲ་ཤིས་བདེ་ལེགས་དང་ཁམས་བཟང་།།


ཁ་ལས་རླུང་རྟ་དར་བར་སྨོན།
དུས་རྟག་༧ གོང་ས་མཆོག་གིས་བཀའ་སློབ་ཟབ་མོ་གནང་སྐབ་སུ་བཟང་སྤྱོད་དང་དྲང་ལྡན་ཀུན་ལ་ཕན་པའི་མི་བུ་ཞིག་བྱེད་དགོས་པ་སོགས་དང་བོད་མི་ཞིག་ཡིན་བསམ་པའི་འདུ་ཤེས་མ་བྲལ་ཐོག་ནས་མི་རིགས་དང་ཆོས་དང་རིག་གཞུང་སྤྱི་ཚོགས་སོགས་ལ་རང་ནུས་གང་ཡོད་ཀྱི་དགོ་ནས་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་བྱེད་དགོས་སྐོར་དང་ལྷག་པར་དུ་དུས་རབས་ཉེར་གཅིག་པའི་བོད་པ་ཞིག་བྱ་རྒྱུ་ཧ་ཀྱང་གལ་ཆེན་ཡིན་པར་སོགས་བཀའ་སློབ་ཟབ་མོ་གནང་བ་གཞིར་བཟུང་སྟེ་དུས་རབས་ཉེར་གཅིག་པ་འདི་བརྡ་འཕྲིན་གྱི་དུས་རབས་ཡིན་པས་དྲྭ་གནས་ལོངས་སུ་སྤྱོད་པར་ཤེས་ན་ཧ་ཀྱང་གིས་ཤེས་བྱ་མང་བ་ལ་བརྟེན་རང་ཉིད་ལ་ཤེས་འཇོན་གང་ཡང་མེད་ཀྱང་བསམ་པ་བཟང་པོའི་སྒོ་ནས་ཀུན་ནས་སློང་སྟེ་ཕན་ཅུང་ཟད་རེ་ཐོག་ན་སྙམ་པའི་སྒོ་ནས་རྣམ་གསལ་མེ་ལོང་ཞེས་པས་དྲྭ་ཚིག་ཞིག་སྒོ་ཕྱེས་ཡོད་པས་དྲྭ་གནས་ལོངས་སུ་སྤྱོད་མཁན་ཡོངས་ལ་རྗེས་སུ་ཡི་རངས་ཞུ་ཀྱི་ཡོད་བཀའ་དྲིན་ཆེ།།

No comments:

Post a Comment