Thursday, 14 July 2016

བླ་སྤྲུལ་བྱུང་ཚུལ།

        བོད་དུ་སྤྲུལ་སྐུའི་ལམ་ལུགས་དངོས་སུ་བྱུང་ཚུལ།

དེ་ཡང་བོད་སིལ་བུར་འཐོར་རྗེས་ཆབ་སྲིད་ཐོག་ཚོད་འཛིན་མེད་པ་དང།ཆོས་ལུགས་སྟེང་བདག་པོ་ངེས་ཅན་ཞིག་མེད་སྟབས། ཆོས་ལུགས་ཀྱི་གྲུབ་མཐའ་སྣ་ཚོགས་ཤིག་བོད་ཀྱིས་ཁུལ་ཀུན་ཏུ་བྱུང་རྒྱལ་དུ་དར་བ་དང་།གྲུབ་མཐའ་མི་འདྲ་བ་ནང་ཕན་ཚུན་གྱིས་ཁོ་ཚོའི་འཚོ་བའི་རྟེན་གཞི་སྟེ། མཆོད་གཞིས་སེམས་ཅན་དང་འབྲོག་པའི་རྩྭ་ཐང་སོགས་འཕྲོག་རེས་བྱེད་པའི་འཐབ་རྩོད་མང་དུ་བྱས་པར་བརྟེན།བོད་རིགས་མི་དམངས་ཀྱི་མཐུན་སྒྲིལ་ལ་འགལ་རྐྱེན་ཚབས་ཆེན་བཟོས་པ་དང་། དཔལ་འབྱོར་ལ་གནོད་པ་མང་དུ་ཐེབས་པས། བོད་རིགས་མི་དམངས་ཀྱི་ཆབ་སྲིད་དང་དཔལ་འབྱོར་སོགས་ཕྱོགས་ཀུན་ནས་སྔར་ལས་ཉམས་རྒུད་དུ་གྱུར་བའི་དུས་རབས་ཞིག་ཏུ་སླེབས་པ་རེད།   དུས་རབས་འདིའི་ནང་དམ་པའི་ཆོས་ཀྱི་ཕྱོགས་གཏོགས་བཀའ་གདམས་པའི་གྲུབ་མཐའ་དང་། ས་སྐྱ་བའི་གྲུབ་མཐའ། བཀའ་བརྒྱུད་པའི་གྲུབ་མཐའ་སོགས་རིམ་བཞིན་བྱུང་བ་དང་།  ལྷག་པར་དུ་རྗེ་བཙུན་མི་ལ་རས་བའི་སློབ་མ་མཉམ་མེད་དྭགས་པོ་ལྷ་རྗེས་བོད་ཀྱི་རབ་བྱུང་གཉིས་པའི་ལྕགས་གླང་སྤྱི་ལོ(༡༡༢༡)ལོར་དྭགས་ལྷ་སྒམ་པོའི་དགོན་པ་བཏབ་སྟེ་གནས་གཞི་བཟུང་བ་ནས་བཀའ་བརྒྱུད་པའི་སྲུབ་མཐའ་བྱུང་བ་དང་།    དེ་ནས་རབ་བྱུང་གསུམ་པའི་ས་བྱ་སྤྱི་ལོ(༡༡༨༩)ལོར)   ?དྭགས་པོ་ལྷ་རྗེའི་སློབ་མ་ཀརྨ་པ་དུས་གསུམ་མཁྱེན་པས་སྟོད་ལུང་དུ་མཚུར་ཕུའི་དགོན་པ་བཏབ་སྟེ་གནས་གཞི་བཟུང་བ་ནས་བཀའ་བརྒྱུད་པའི་གྲུབ་མཐའི་བྱེ་བྲག་ཀརྨ་བཀའ་བརྒྱུད་པའི་གྲུབ་མཐའ་བྱུང་།ཀརྨ་དུས་ གསུམ་མཁྱེན་པའི་རབས་གཉིས་པ་ཀརྨ་པ་ཀྴི་སྟེ། ཀརྨ་ཆོས་ཀྱི་སློབ་དཔོན་གྱིས་མྱ་ངན་ལས་འདའ་ཁར་གྲུབ་ཐོབ་ཨུ་རྒྱན་པ་ལ་གདན་ས་གཏད་ནས།ཉི་མ་ལ་སྟོད་ཕྱོགས་ནས་ཞྭ་ནག་པོའི་རྒྱུད་པ་འཛིན་པ་ཞིག་འོང་།  དེའི་བར་དུ་རྒྱལ་ཚབ་མཛོད་ཟེར་ནས་ཞྭ་ནག་གསེར་མདོངས་ཅན་ཨུ་རྒྱན་པའི་དབུ་ལ་བསྐྱོན།(ཀརྨ་བཀའ་བརྒྱུད་པར་ཞྭ་ནག་པོའི་རྒྱུད་པ་ཟེར་དོན་ཀརྨ་པ་ཀྴི་རང་ལ་ཧོར་རྒྱལ་བོའི་ལས་ཀའི་ཞྭ་ནག་པོ་ཞིག་ཕུལ་པས་དེའི་སྐྱེ་རྒྱུད་འཛིན་པ་རྣམས་ལ་ཞྭ་ནག་ཅན་དུ་གྲགས་སོ) ))དེ་ནས་སྤྱི་ལོ(༡༢༨༣)     ལོའི་ཆུ་ལུག་ལ་ཀརྨ་ཀྴི་མྱ་ངན་ལས་འདས་པ་དང་།དེའི་ཕྱི་ལོ་སྟེ་སྤྱི་ལོ(༡༢༨༤)ལོའི་ཤིང་སྤྲེལ་ལ་ཀརྨ་བའི་རབས་གསུམ་པ་རང་བྱུང་རྡོ་རྗེ་ལ་སྟོད་མི་ལའི་རྒྱུད་དུ་སྐུ་འཁྲུངས།    དེ་ནས་ཅུང་མ་འགོར་བར་ཀརྨ་པཀྴིའི་ཞལ་ཆེམས་ལྟར་གྲུབ་ཐོབ་ཨུ་རྒྱན་པས་ཀརྨ་པཀྴིའི་སྤྲུལ་སྐུ་འཁྲུལ་མེད་དུ་ངོས་འཛིན་བྱས།དེ་ནས་བཟུང་བོད་གངས་ཅན་གྱི་ལྗོངས་འདིར་སྤྲུལ་སྐུ་ངོས་འཛིན་བྱེད་པའི་ལམ་ལུགས་གསར་དུ་ཚུགས་པ་རེད། ཀརྨའི་རབས་དང་པོ་དུས་གསུམ་མཁྱེན་པ་ནས་བརྩི་ཡང་།ཀརྨ་དུས་གསུམ་མཁྱེན་པ་དང་པཀྴི་གཉིས་ཆོས་ཀྱི་ཉམས་ལེན་མཐར་ཕྱིན་པའི་སྒོ་ནས་བླ་མར་གྲགས་པ་ཡིན་གྱི།བྱིས་པ་བསམ་མི་ཤེས་པའི་གནས་སྐབས་ནས་སྐྱེས་བུ་   དམ་པ་གང་ཡང་རུང་བ་ཞིག་གི་སྤྲུལ་སྐུ་ངོས་བཟུང་བྱས་པ་མ་ཡི་ནོ། གཞན་ཡང་འགྲོ་བའི་དོན་བྱེད་པའི་སེམས་དཔའ་དངོས་གནས་ཤིག་ཡིན་ཕྱིན།བྱིས་པའི་དུས་ནས་ཟབ་ཅིང་རྒྱ་ཆེ་བའི་ཡོན་ཏན་རང་ཆས་སུ་མེད་པའི་ངེས་པ་མི་འདུག་སྟེ།   རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་ཡབ་ཀྱི་པང་ཐོག་ན་ཡོད་པའི་སྐབས་ཤིག་ལ།   ནམ་མཁའི་དབྱིངས་ནས་འབྲུག་གྲགས་པ་གསན་ནས་ཡབ་ལ།   ཕ་བློ་བཟང་གྲགས་པས་ཆོས་གསུངས་པ་འདྲ་   བའི་སྒྲ་ཞིག་གོ་གསུངས་པར།ཡབ་ཀྱིས་ཕ་བློ་བཟང་གྲགས་པས་ཆོས་ཇི་ལྟར་གསུངས་ཞེས་དྲིས་པར། “བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག།དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན། ། བརྩེ་བའི་བདག་ཉིད་སྐྱོ་བ་   སྤངས་ལ་བརྟེན། །ཞེས་གསུངས་པ་རེད་ཅེས་སྐུ་ཚེ་གོང་མར་རྗེ་ཙོང་ཁ་བའི་སྤྱན་སྔར་ཆོས་གསན་པའི་བག་ཆགས་ཀྱི་སྟོབས་ཀྱིས་སྔོན་གནས་རྗེས་སུ་དྲན་པ་དང་།  ཡང་དགུང་གྲངས་གསུམ་གྱི་ཚེ་ཡུམ་གྱིས་སྡིགས་མོ་བྱས་པར།   “ ཁྱེད་རང་ང་ལ་མ་འཐབ་སྡིག་ཡོང་གསོལ་བ་ཐོབ་?གསུངས།  ཇི་ལྟར་འདེབས་ཞུས་པར། “དགོས་འདོད་ཀུན་འབྱུང་ནོར་བུ་བསམ་འཕེལ་ཁྱོད། །      ཡོན་ཏན་ཐམས་ཅད་མ་བསླབས་ཐུགས་སུ་ཆུད། །  ཐོས་བསམ་སྒོམ་པ་མཐར་ཕྱིན་གྲུབ་པ་བརྙེས།།འཕྲིན་ལས་རྒྱུན་མི་ཆད་ལ་གསོལ་བ་འདེབས། །འདི་ཐོན?གསུངས་ཏེ་སྐུ་ཚེ་དེའི་ཚིགས་བཅད་རྩོམ་པའི་ཐོག་མར་གྲགས།   རྟགས་དང་མཚན་མ་ཁྱད་པར་བ་འདི་དག་ལ་བརྟེན་ནས་དགེ་འདུན་རྒྱ་མཚོ་རྒྱལ་དབང་དགེ་འདུན་གྲུབ་ཀྱི་སྤྲུལ་སྐུ་སྟེ་སྐུའི་སྐྱེ་བ་ཡིན་པར་ངོས་འཛིན་བྱས། རི་བོ་དགེ་ལུགས་པའི་སྤྲུལ་སྐུ་འཚོལ་བའི་ཐོག་མ་འདི་ཡིན།  རྒྱལ་བ་དགེ་འདུན་རྒྱ་མཚོའི་སྔོན་ལ་ཀརྨ་བའི་སྐུ་ཕྲེང་བཞི་ཙམ་བཙལ་ཟིན་པ་དང་།  སྤྱི་ལོ( ༡ ༤ ༧ ༦ )ལོར་འཁྲུངས་པའི་རྒྱལ་དབང་དགེ་འདུན་རྒྱ་མཚོ་དང་།སྤྱི་ལོ( ༡ ༤༥༤ )ལོར་འཁྲུངས་པའི་ཀརྨ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོ་གཉིས་དུས་མཉམ།མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི 《བོད་ལྗོངས་ནི་བོད་ཀྱི་ཆ་ཤས་ཤིག་ཡིན》 ཞེས་བའི་དཔེ་དེབ་ཀྱི་ཤོག་གྲངས༡༠༠པར། “ཏཱ་ལའི་བླ་མའི་ཡང་སྲིད་ཕེབས་བ་དེ་ནི། ཙོང་ཁ་བས་གཏན་ལ་ཕབ་པ་ཞིག་རེད།  ཙོང་ཁ་བས་སྲོལ་བཏོད་གནང་བའི་དགེ་ལུགས་པའི་གྲུབ་མཐའ་ལྟར་ན།གཉེན་བསྒྲིགས་ནས་བུ་རྒྱུད་སྤེལ་མི་ཆོག་པར་བརྟེན། ཁོང་གི་སློབ་མ་ཆེན་པོ་གཉིས་ལ་ཡང་སྲིད་ཡོང་སྟེ་ཐེག་ཆེན་གྱི་ཆོས་ལུགས་བཤད་ནས་ཆོས་རྒྱུན་མི་འཆད་པའི་འགན་ལེན་བྱེད་དགོས་པའི་ཞལ་ཆེམས་གནང་ཡོད་པ་རེད།?ཅེས་བྲིས་འདུགའདི་ནི་རྗེ་རིན་པོ་ཆེའི་གྲུབ་མཐའ་དང་གསུང་རྩོམ། མ་མཐའ་རྣམ་ཐར་ཙམ་ལ་ཡང་ཞིབ་ཆ་མེད་པར་རི་བོ་དགེ་ལྡན་པའི་ཆོས་ལུགས་ཀྱི་རྣམ་པ་སྤྱི་ལ་ཐོས་པ་རགས་ཙམ་ཐོབ་པ་ལ་བརྟེན་ནས་ལཅོད་ཀྱིས་བྲིས་འདུགརྒྱུ་མཚན་ནི། རྗེ་ཙོང་ཁ་བ་ཞལ་བཞུགས་དུས་དགེ་འུགས་པར་སྤྲུལ་སྐུ་བླུ་བའི་སྲོལ་མེད་པར་མ་ཟད།    རྗེ་ཡབ་སྲས་གསུམ་སོགས་སྐབས་དེའི་དགེ་ལུགས་པའི་བསྟན་པ་འཛིན་པའི་སྐྱེས་བུ་ཆེཁག་རིགས་ཀྱི་གསུང་རྩོམ་ཁྲོད་དུའང་ཡང་སྲིད་ཐ ག་གཅོད་སྐོར་གྱི་ཡི་གེ་གཅིག་ཀྱང་མཐོངརྒྱུ་མེད་པ་རེད། ཡང་། ཁོང་གིས་སློབ་མ་ཆེན་པོ་གཉིས་ལ་ཡང་སྲིད་ཡོང་སྟེཞེས་བྲིས་ཡོད་པ་ལ་དཔྱད་ན།    རྒྱལ་བ་དགེ་འདུན་རྒྱ་མཚོ་ཉིད་རྗེའི་སློབ་མ་ཆེན་པོ་གཉིས་ཏེ་རྒྱལ་ཚབ་དར་མ་རིན་ཆེན་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་གཉིས་པོ་གང་རུང་དུ་ནོར་ཡོད་པ་འདྲ།རྒྱལ་བ་དགེ་འདུན་རྒྱ་མཚོ་ནི་རྗེ་ཙོང་ཁ་བའི་དངོས་སློབ་རྒྱལ་བ་དགེ་འདུན་གྲུབ་ཀྱི་ཡང་སྲིདདུ་ངོས་བཟུང་བྱས་པ་ཙམ་ཡིན།   ?དེར་མ་ཟད།སྤྲུལ་སྐུ་འབྱོན་པའི་ལོ་ཚིགས་ཀྱི་དབང་དུ་བཏང་ནའང་ཧ་ཅང་ ཐ ལ་ཆེ་བར་འགྲོ་སྟེ། རྒྱལ་ཚབ་རྗེ་སྤྱི་ལོ(༡༤༣༢)ལ་ལ་འདས་པ་དང་། མཁས་གྲུབ་རྗེ་སྦྱི་ལོ(༡༤༣༨)ལ་འདས་པ་དང་། རྗེ་དགེ་འདུན་གྲུབ་སྤྱི་ལོ(༡༤༧༥)ལ་འདས་པ་དང་། རྒྱལ་དབང་དགེ་འདུན་རྒྱ་མཚོ་སྤྱི་ལོ( ༡༤༧༦)ལ་སྐུ་འཁྲུངས་པས་ཀྱང་ཤེས་སླ་བ་”དང་། ལྷག་པར་དུ་ཡི་གེ་དེའི་ནང་དུ།  “ཏཱ་ལའི་བླ་མའི་ཡང་སྲིད་ཕེབས་པ་རྗེ་ཙོང་ཁ་བས་གཏན་ལ་ཕབ་པ་རེད།”ཅེས་པ་འདི་ཧ་ཅང་མི་འཐད་པ་ཡིན་ཏེ།  རྗེ་འདས་ནས་རྒྱལ་བ་དགེ་འདུན་རྒྱ་མཚོ་འཁྲུངས་པའི་བར་ལ་ལོ་ངོ་༥༦སོང་བ་དང་།    རྗེ་འདས་ནས་པཎ་ཆེན་བློ་བཟང་ཆོས་རྒྱན་འཁྲུངས་པའི་བར་ལ་ལོ་ངོ་ ༡༥༠།སོངབས་དེའི་ཡརསྔོན་ལརགེ་ལུགས་པར་ཡང་སྲིད་ངོས་འཛིན་པའི་མིང་ཙམ་ཡང་མེད་པ་དང་།      རྒྱལ་བ་པཎ་ཆེན་གཉིས་ནི་རྗེའི་སྲས་ཀྱི་ཐུ་བོ་རྒྱལ་ཚབརང་མཁས་གྲུབ་གཉིས་སུ་འདོད་པ་འོལ་ཚོད་ཀྱི་གཏམ་མོ།།


No comments:

Post a Comment