Saturday, 9 July 2016

དེ་རིང་གི་གསར་འགྱུར།


འདི་ག་བྱང་ཨ་རི་ནིའུ་ཡོག་དང་ནིའུ་ཇར་སི།  ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ནས།   ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་དགུང་གྲངས་བརྒྱད་ཅུ་གྱ་གཅིག་ཏུ་ཕེབས་པའི་བསྐལ་བཟང་གི་དུས་སྟོན་ལ་དགའ་ཞིང་གུས་པས་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ཏུ་སྐུ་ངོ་ཀུན་དགའ་ལགས་དང་།   སྐུ་ངོ་དོན་གཅོད་སྐལ་བཟང་རྡོ་རྗེ་ལགས་དང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསོད་ནམས་རྒྱ་མཚོ་སོགས་ནས་མཛད་རིམ་བཀའ་སློབ་ཟབ་རྒྱས་གནང་བ།   བོད་རིགས་སྤྱི་མཐུན་ཚོཊ་པའི་༼བོད་ཡིག་སློབ་གྲྭ་ནས་ལོ་གཅིག་གི་ཡིིག་རྒྱུགས་གྲུབ་འབྲས་ལེགས་པོ་བྱུང་བའི་བྱ་དགའ་འཛིན་གྲྭ་ཁག་གི་སློབ་མ་རྣམས་ལ་ཨང་དང་བོ་དང་གཉིས་པ་གསུམ་བཅས་ལ་བྱ་དགའ་གནང་བ་དང་ཆབས་ཅིག་སློབ་གྲྭའི་བུ་མོ་གཉིས་ལ་དང་བོའི་དང་བོ་ཐོབ་པར་གསོལ་རས་གནང་བ།༽ ཡང་བྱང་ཨ་མི་རི་ཀའི་བོད་རིགས་སློབ་གྲྭའི་ཆེད་སློབ་གྲྭའི་སློབ་དེབ་འདི་སྔོན་ཚེས་༣༠ ཉིན་རང་གཞུང་གི་སྲིད་སྐྱོང་དང་ཤེས་རིག་ལྷན་ཁང་གི་དྲུང་ཆེ་རྣམ་གཉིས་ནས་དབུ་འབྱེད་གནང་ཟིན་ཡང་སླར་ཡང་ས་གནས་སུ་སློབ་དེབ་དེ་ཉིད་དབུ་འབྱེད་གནང་སོང་། ཡང་སྤྱི་མཐུན་ཚོགས་པའི་སྒྲིག་གཞི་གསར་པ་གཅིག་དང་དགེ་བཤེས་བཀྲིས་རྡོ་རྗེ་ལགས་ཀྱི་ཕྱག་དཔེ་བཅས་སྐུ་ངོ་དོན་གཅོད་མཆོག་ནས་དབུ་འབྱེད་གནང་། དེ་མཚམས་༧རྒྱལ་བའི་འཁྲུངས་སྐར་གྱི་མར་ཟན་གཏུབས་ཏེ་མང་ཚོགས་ལ་གནང་། ༧རྒྱལ་བའི་སྐུའི་འཁྲུངས་སྐར་གྱི་མཉམ་གཞས་སྐད་གསང་མཐོ་པོ་བཏང་སྟེ་དགའ་སྤྲོ་ལ་རོལ། དེ་རྗེས་ཞལ་ལག་དང་སློབ་ཕྲུག་ཁག་དང་ས་གནས་སྐྱིད་སྡུག་ཁག་སོགས་གཞས་སྣ་སོགས་འཁྲབ་སྟོན་མཛད་སྒོ་རྒྱས་པར་འཚོགས་སོང་། མི་མང་ཕལ་ཆེར་སྟོང་ཕྲག་ལྔ་ལྷག་ཙམ་བསྡུས་འཛོམས་གནང་འདུག  ཉིན་རྒྱབ་སྤྱི་མཐུན་ཚོགས་པའི་རྒྱུན་ལས་གསར་འདེམ་གནང་རྒྱུ་རེད་འདུག 



























































No comments:

Post a Comment