Sunday, 4 September 2016

༩/༤/༢༠༡༦



གསལ་བྱེད་སུམ་ཅུ་ངོ་རྟགས་ཆོད་པ་དགོས་སྐོར།
ཕ་མ་སོ་སོ་ནས་བུ་ཕྲུག་རྣམས་ལ་དེ་རིང་རྒན་ལགས་ནས་སློབ་ཚན་གང་ཁྲིད་སོང་ཞེས་ངེས་པར་བཀའ་དྲིས་གནང་རོགས།  
དེ་རིང་ང་ཚོ་ནས་གསལ་བྱེད་སུམ་ཅུ་ལ་སྦྱངས་པ་ཡིན།  དེ་ལ་སྡེ་པ་ག་ཚོད་ཡོད།  སྡེ་པ་རེར་ཡིག་གེ་ག་ཚོད་ཡོད་སོགས་བསླབས་པ་ཡིན།  ཀ་མད་དང་གསལ་བྱེད་ཟེར་བ་མིང་གཅིག་ལ་དོན་གཅིག་ཡིན་ཞུས་ཡོད། ཡིན་ན་ཡང་ཉིད་རྣམས་ནས་མཁྱེན་གསལ་ལྟར་སོ་སོའི་ཕྲུག་གུ་ནས་གང་་ཙམ་ཤེས་ཐུབ་འདུག་གཟིགས་རོགས། སླར་ཡང་གསལ་བྱེད་གསུམ་ཅུ་བསླབ་རོགས་གནང་།  རྗེས་མའི་བདུན་ཕྲག་ལ་ཡིག་གེ་མཐོང་བ་ཙམ་ནས་ཡིག་ངོ་ཤེས་ཐུབ་ཐབས་བྱ་རྒྱུ་ཡིན།  ད་ནང་སྦྱོང་ལ་གཟིགས་རོགས་གནང །


No comments:

Post a Comment